全区城镇职工医疗保险定点机构,西藏大学医学院临床实习基地
您的位置: 新闻公告 > 医院动态 > >

ཀ་ཕྲེང་སྡུག་བསྔལ་ལས་གྲོལ་བའི་བསླབ་བྱ།།

发布时间:2022-08-31 来源:日喀则藏康医院
图片


图片


图片

༼  ཀ་ཕྲེང་སྡུག་བསྔལ་ལས་གྲོལ་བའི་བསླབ་བྱ།། 
༄༅།  ནད་ཀྱི་སྡུག་བསྔལ་སེལ་ཐབས་སྟོན་པའི་བཀའ་སློབ་འདི་ནི་བདག་ལ་བཀའ་དྲིན་གཞལ་དུ་མེད་པའི་སློབ་དཔོན་རྡོ་རྗེ་གཡུལ་རྒྱལ་མཆོག་ནས་ཕྱག་བྲིས་གནང་།།
ཀ་རེ་ཀོ་རེ་ཁྲོམ་སྲང་ཉུལ་དགོས་དེ་མེད་པར།།
ཁ་ཁུ་སིམ་མེར་ནང་མི་ལྷན་འཛོམས་ཀྱི་གོ་སྐབས།།
ག་བལྟས་དེ་སྔ་བྱུང་མྱོང་མེད་པ་ཞིག་ཡིན་པས།།
ང་ཁྱོད་མེད་པར་སྤྲོ་པོར་བཞུགས་ན་རང་ཨེ་དགའ།།

ཅ་སིང་ཆེན་པོའི་མི་འཛོམས་རྒུ་འཛོམས་དེ་མེད་ལ།།
ཆ་ཡོད་ཆ་མེད་ཀུན་ལ་འགྲོགས་འདྲིས་ཡང་མེད་པར།།
ཇ་འཐུང་པགས་ཟ་མེས་པོའི་ཁ་ཟས་ལ་རོལ་བཞིན།།
ཉ་མོ་ཆུ་ལྟར་ཁྱིམ་མི་ལྷན་འཛོམས་དེ་ཨེ་དགའ།།

ཏ་རེ་ཏོ་རེ་སྲང་ལམ་ཉུལ་བགྲོད་དེ་སྤངས་ནས།།
ཐ་ངན་ནད་ལ་འགོག་སྲུང་ཚུལ་བཞིན་དུ་བྱས་ན།།
ད་ལྟ་ཅལ་སྒྲོག་ཛ་དྲག་ཆེ་ཆེ་རང་འདྲ་ཡང་།།
ན་ཚའི་སྒོ་ལྕགས་དམ་པོ་དེ་འདྲ་རང་ཨེ་ཡོད།།

པ་རི་པི་རི་ལྡེམ་ལྡེམ་འཁྱུག་འཁྱུག་གི་ན་བཞོན།།
ཕ་རོལ་ནད་ཀྱི་མིང་ཙམ་རྣ་བ་རུ་ཐོས་ཀྱང་།།
བ་བེར་སྡོད་ཚུགས་མེད་པ་རྡོ་ལེབ་ཀྱི་གྲོག་མ།།
མ་ལ་བུ་རྒོད་སྐྱེས་པའི་ངང་ཚུལ་དེ་ཨེ་ཡིན།།

ཙ་བ་ནད་འདི་འགོས་ཁྱབ་ཤིན་ཏུ་རང་ཆེ་ཡང་།།
ཚ་བ་ནད་དུག་ལུས་ལས་རིང་མིན་དུ་བྲལ་ཞིང་།།
ཛ་དྲག་ཉིན་མཚན་མི་འཁྱོལ་ན་ཟུག་ཀྱང་མེད་པས།།
ཝ་མོ་ལྟ་བུར་སྡར་ཞུམ་བྱེད་དགོས་རང་ཨེ་ཡོད།།

ཞ་ལུ་ལྟ་བུའི་ཉམ་ང་བཟོད་ཆུང་གི་ལུས་འདིར།།
ཟ་མ་བཟས་ཀྱང་དུག་གྱུར་འཆི་བ་རུ་མཐོང་ན།།
འ་ཅག་ལུས་ལ་འཆི་རྐྱེན་རླུང་འཚུབ་ལྟར་ཡོད་བཞིན།།
ཡ་མཚན་ནད་གཅིག་དམིགས་བཀར་སེམས་སྡུག་དེ་ཨེ་དགོས།།

རྭ་ལྟར་གྱོང་བའི་སེམས་འདི་འདུལ་ཐབས་ལ་མ་འབད།།
ལ་ཀླུང་བརྒལ་ནས་ན་རྒའི་སྡུག་བསྔལ་ལས་བྲོས་ཀྱང་།།
ཤ་ཁྲག་ཕུང་པོའི་ཁུར་འདི་འབྲལ་མེད་དུ་འབྲངས་བས།།
ས་གཞི་བརྒལ་ཡང་འདུ་བྱེད་སྡུག་བསྔལ་ལས་ཨེ་ཐར།།

ཧ་ལས་ཧོན་ཐོར་ཁ་གདང་མིག་བགྲད་དེ་བཞག་ནས།།
ཨ་ཧོ་ཕུང་པོའི་ཁུར་འདི་སྐྱུར་ན་རང་ཨེ་དགའ།།།།
༢༠༢༢ ལོའི་ ཟླ་༨ ཚེས་༣༠ཉིན།།


图片


推荐阅读